ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱི་རིགས་དམན་པའི་ངོ་རྒོལ།


རྒྱ་གར་ལ་རིགས་རུས་དབྱེ་འབྱེད་བྱེད་སྲོལ་ཡོད་པ་དེའི་ཁོངས་སུ་རིགས་དམན་པར་རྩི་བ་རྣམས་དང་མཐའ་མཚམས་པ་ཚོར་དམིགས་བསལ་གྱི་ཆ་རྐྱེན་ཡོད་པའི་བཅའ་ཁྲིམས་ཁག་ཅིག་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་མེད་པར་བཏང་བ་རེད་ཅེས་དཀྲོག་གཏམ་ཞིག་ཁྱབ་བསྒྲགས་སོང་སྟེ། རྒྱ་གར་གྱི་རིགས་དམན་པར་རྩི་བའི་མི་མང་སྟོང་ཕྲག་མང་པོར་བློ་འཚབ་ཆེན་པོ་བྱུང་ནས་ངོ་རྒོལ་གྱི་དྲག་ཟིང་བསླངས་པས་མི་༨་ཡས་མས་ཤིག་ལ་སྲོག་སྐྱོན་བྱུང་ཡོད་ཅིང་། དམིགས་གསལ་ཆ་རྐྱེན་སྤྲོད་ས་ཧི་མ་ལ་ཡའི་རི་རྒྱུད་དང་མཐའ་མཚམས་ཁག་ཏུ་ངོ་རྒོལ་དང་འབྲེལ་བའི་ལས་འགུལ་འདིའི་རིགས་བྱུང་ཡོད་མེད་ཐད་དུ་སྔོན་ཆད་རྒྱ་གར་གཞུང་གི་ལྷན་ཁང་དེའི་ཚོགས་གཞོན་དང་དེང་སྐབས་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་ཆོས་འཕེལ་བཟོད་པ་ལགས་སུ་ཚེ་བརྟན་ཆོས་སྒྲོལ་ལགས་ཀྱིས་གནས་འདྲ་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG