ངོ་འཕྲད་བདེ་བའི་དྲ་འབྲེལ།

བུ་མོ་མ་ལཱ་ལཱ་རང་ཡུལ་དུ་ཕྱིར་ལོག


༄༅། པ་ཀི་སི་ཐན་གྱི་མི་ཁོངས་ཡིན་པ་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་བུ་མོ་མ་ལཱ་ལཱས་ཉེ་ཆར་གསར་འགོད་གསལ་བསྒྲགས་སོགས་གང་ཡང་མ་བྱས་པར་རང་ཡུལ་པ་ཀི་སི་ཐན་ལ་ཕྱིར་ལོག་བྱས་ཡོད་ཅིང་། བུ་མོ་མ་ལཱ་ལཱས་རང་ཉིད་ཆུང་དུས་སུ་འཚོ་གནས་བྱ་ཡུལ་ས་ཆ་དེར་འབྱོར་དུས་སེམས་ལ་ཧ་ཅང་གི་དགའ་ཚོར་ཆེན་པོ་ཞིག་བྱུང་སོང་ཞེས་འགྲེལ་བརྗོད་བྱས་པ་མ་ཟད། ཁོ་མོས་པ་ཀི་སི་ཐན་གྱི་མཐའ་ལྷུང་རིང་ལུགས་ཀྱི་བསམ་ཚུལ་འཛིན་མཁན་ཚོར་གདོང་ལེན་བྱས་པའི་སྟབས་ཀྱིས་དེང་སྐབས་པ་ཀི་སི་ཐན་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་འདུག་ཅེས་གསུངས་ཡོད་པའི་སྐོར། ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG