ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་བ་ཀརྨ་པ་འབྲས་ལྗོངས་སུ་ཕེབས་ཆོག་པ།


༄༅།། རྒྱ་གར་དབུས་གཞུང་གིས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་གནང་ཆོག་ཀྱང་གདན་ས་རུམ་སྟེགས་ལ་ཕེབས་མི་ཆོག་གི་བཀག་སྡོམ་སོར་གནས་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་ཅིང་། འདས་པའི་ལོ་གཉིས་མ་ཟིན་ཙམ་གྱི་རིང་ལ་འབྲས་ལྗོངས་པ་ཚོས་རྒྱ་གར་དབུས་གཞུང་ལ་རྒྱལ་བ་ཀརྨ་པ་གདན་ས་རུམ་སྟེགས་ལ་ཕེབས་ཆོག་པའི་བཀའ་འཁྲོལ་གནང་དགོས་ཞེས་སྙན་ཞུ་རིམ་པ་ཞིག་ཕུལ་ཡོད་པ་མ་ཟད། མི་མང་ཆོས་དད་པ་ཚོས་རྒྱ་གར་དབུས་གཞུང་ལ་དགོས་འདོན་ལན་མང་བཏོན་ནས་འདུ་འཛོམས་གྱི་ལས་འགུལ་ཡང་སྤེལ་ཡོད། དེར་བརྟེན་གཟའ་འཁོར་སྔོན་མར་རྒྱ་གར་དབུས་གཞུང་གིས་རྒྱལ་བ་ཀརྨ་པ་འབྲས་ལྗོངས་སུ་ཕེབས་ཆོག་ཅེས་བཀའ་འཁྲོལ་གནང་ཡོད་པའི་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG