ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་མ་ལྷ་མོས་ཨོ་གླིང་དུ་ཞུ་གཏུག


༄༅།། བོད་ཀྱི་སྲིད་དོན་བཙོན་པ་འདས་པོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཀྱི་ཚ་མོ་ཉི་མ་ལྷ་མོ་ཨོ་གླིང་རྒྱལ་ཁབ་ཀྱི་གྲོས་ཚོགས་སུ་ཕེབས་ནས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཉན་ཞིབ་ལ་ཞུགས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་པ་དང་། ཁོ་མོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་ཐོག་མར་རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་ཅིང་། མཐར་རིན་པོ་ཆེ་བཙོན་ཁང་དུ་འདས་གྲོངས་གྱུར་སྟངས་སོགས་སྙན་སེང་ཞུས་ཡོད་པ་མ་ཟད། བོད་ནང་གི་དཀའ་སྡུག་ཆེ་བའི་དངོས་ཡོད་གནས་སྟངས་ཁག་གསལ་བཤད་བྱས་པར་ཨོ་གླིང་གི་གྲོས་ཚོགས་ཀྱི་འཐུས་མི་ཚོས་ གདུང་སེམས་མཉམ་སྐྱེད་ཀྱི་སྒོ་ནས་ཉན་ཞིབ་དང་ཉི་མ་ལྷ་མོའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་དང་། ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཚོས་བོད་དོན་འཐབ་རྩོད་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་སོགས་ཀྱི་སྐོར། ཨོ་གླིང་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG