ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༦༠་ཐམ་པ་ཕྱིར་ཕུད།


༄༅། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་གིས་ཨ་མི་རི་ཀར་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཁག་ཅིག་སོ་མྱུལ་ཡིན་པའི་ངོས་འཛིན་གྱིས་མི་༦༠་ཐམ་པ་ཨ་མི་རི་ཀ་ནས་ཕྱིར་ཕུད་བཏང་ཡོད་ཅིང་། ཉེ་ཆར་དབྱིན་ཡུལ་དུ་གནས་སྡོད་ཨུ་རུ་སུའི་སོ་མྱུལ་ཟུར་པ་ཞིག་དང་ཁོ་པའི་བུ་མོ་གཉིས་ལ་དབང་རྩ་འགག་པའི་དུག་རྫས་ཕོག་པའི་ལན་ཁག་ཨུ་རུ་སུའི་གཞུང་ལ་ཡོད་པའི་སྐྱོན་འཛུགས་ཕོག་སྟེ། དབྱིན་ཡུལ་དང་ཨ་མི་རི་ཀ ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རང་གི་ས་ཐོག་ཏུ་བཅའ་སྡོད་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་ཁག་ཅིག་ཕྱིར་ཕུད་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG