ཨ་མི་རི་ཀའི་ཡུ་མེས་བྷོས་ཊོན་གཙུག་ལག་སློབ་གྲྭ་ཆེ་མོས་ རྒྱ་ནག་གི་ཁུང་ཙིའི་ལྟ་གྲུབ་ཁྱབ་སྤེལ་ཁང་དང་འབྲེལ་བ་མཚམས་འཇོག་བྱེད་དགོས་པ་ཡིན་ཞེས་ ཁུལ་དེའི་བོད་པའི་སློབ་ཕྲུག་དང་ དགེ་རྒན་ཆེ་མོ་ དེ་བཞིན་ ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་དགོས་འདུན་བཏོན་ཏེ་གཙུག་ལག་སློབ་གྲྭ་དེའི་འགན་འཛིན་ཚོར་ཞུ་བསྐུལ་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་གྱི་ཡོད་ཅིང་ ཁོང་རྣམས་ཀྱིས་ དེ་སྔ་སློབ་གྲྭ་དེས་ཁུང་ཙིའི་ལྟ་གྲུབ་ཁྱབ་སྤེལ་ཁང་དང་འགན་རྒྱ་བཞག་ཡོད་པ་དེ་ རིང་མིན་ཉིན་ཤས་ཀྱི་ནང་གཙང་གི་ཡོད་སྟབས་དེ་སྐྱར་གསོ་མ་བྱས་པར་ འབྲེལ་བ་མཚམས་འཇོག་བྱེད་དགོས་པ་དང་ གང་ལགས་ཞེས་ན་ ལྟ་གྲུབ་ཁྱབ་སྤེལ་ཁང་དེ་ནི་ རིག་གནས་ཁྱབ་སྤེལ་བྱེད་མཁན་ཞིག་མ་ཡིན་པར་ རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་མཁན་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་སྐོར།