ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྐུའི་བླ་སྨན་པ་ཟུར་པར་གཟེངས་རྟགས།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་ཀྱིས་སྐྲན་ནད་དང་ཨེ་ནད་སོགས་ཚབས་ཆེའི་འགོས་ནད་ཀྱི་རིགས་འགའ་ཞིག་ལ་བོད་ཀྱི་གསོ་བ་རིག་པའི་ལམ་ནས་བཅོས་ཐབས་དང་སྔོན་འགོག་གི་སྨན་བཅོས་བྱས་ཏེ། འདས་པའི་ལོ་མང་རིང་བོད་པ་དང་རྒྱ་གར་བ། ཕྱི་གླིང་པ་བཅས་སྐྱེ་བོ་ཁྲི་ཚོ་མང་པོར་གཞན་ཕན་གྱི་ལས་དོན་རྒྱ་ཆེན་པོ་ཞིག་བསྒྲུབས་ཡོད་ཅིང་། ༢༠༡༨་ལོའི་ཕྱི་ཟླ་༣་ཚེས་༢༢་ཉིན་རྒྱ་གར་རྒྱལ་ཁབ་ཀྱི་པདྨ་ཤྲཱི་ཞེས་པའི་ཆེས་མཐོའི་གཟེངས་རྟགས་ཤིག་སྐུའི་བླ་སྨན་པ་ཟུར་པ་ཡེ་ཤེས་དོན་ལྡན་ལགས་སུ་འབུལ་བཞེས་བྱུང་བ་མ་ཟད། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་སྐུའི་བླ་སྨན་པ་ཟུར་པ་དེའི་མི་ཚེའི་ལོ་རྒྱུས་སོགས་ལ་ཕྱག་སྦྲེལ་སྨན་པ་བློ་བཟང་བསྟན་འཛིན་ལགས་དང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་བཅས་སུ་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG