ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྡི་ལིའི་མཛད་འཆར་བཤོལ་དགོས་བྱུང་བར་ཐུགས་ཁྱད་མེད་ལུགས་བཀའ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་རིམ་ཁག་ཅིག་སྤེལ་འཆར་ཡོད་པ་དེ་དག་ བཞུགས་སྒར་རྡ་རམ་ས་ལར་སྤོ་དགོས་བྱུང་ཡོད་པ་དེ་ རྒྱ་གར་གཞུང་ལ་རྒྱ་ནག་གི་ཕྱོགས་ནས་གནོན་ཤུགས་འཕྲད་པར་བརྟེན་ནས་ཡིན་སྲིད་པར་མི་རྣམས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་སྟབས་ འདིའི་ཐད་ཨ་མི་རི་ཀའི་སི་ཨེན་ཨེན་༼CNN༽ བརྙན་འཕྲིན་ཁང་གི་གསར་འགོད་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པར་ མགོན་པོ་མཆོག་གིས་ དེའི་ཐད་ཐུགས་ཁྲལ་མེད་ལུགས་བཀའ་གནང་བ་དང་འབྲེལ་ གལ་ཆེ་ཤོས་དེ་ནི་ རང་གི་སེམས་ཀྱི་འདུ་ཤེས་དང་ བོད་མིའི་སྙིང་སྟོབས་རེད་ཅེས་བཀའ་གནང་ཡོད་པའི་སྐོར་དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG