ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་བུད་མེད་བྱས་རྗེས་ཅན་རྒྱས་སྟོང་ཚེ་རིང་སྒྲོལ་མ་ལགས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་ཅིང་། དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སྤེལ་པའི་གསར་འགོད་གསལ་བསྒྲགས་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་པར་གཞིགས་ན་ཡོངས་གྲགས་སུ་རྒྱས་སྟོང་སྙིང་ལགས་སམ། ཡང་ན་རྒྱས་སྟོང་ཨ་མ་ཚེ་རིང་སྒྲོལ་མ་ལགས་ཞེས་ཞུ་བའི་དམ་པ་དེ་ཉིད་སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༣་པའི་ཚེས་༥་སྟེ། རེས་གཟའ་ཟླ་བའི་ཕྱི་དྲོར་ཁེ་ན་ཌའི་སྨན་ཁང་ཞིག་ཏུ་དགུང་གྲངས་༨༩་ཐོག་ཏུ་འདས་གྲོངས་སུ་གྱུར་འདུག དམ་པ་དེ་ཉིད་ཀྱིས་བོད་དོན་སྤྱི་དང་ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་སུ་བོད་ཀྱི་བུད་ལྷན་ཚོགས་སླར་གསོ་དང་འཛིན་སྐྱོང་། སྐབས་སོ་སོའི་བོད་ཀྱི་བུད་མེདལྷན་ཚོགས་ཀྱི་ཚོགས་གཙོ་དང་དམིགས་བསལ་ཕྱོགས་རོགས་སོགས་ཀྱི་ཐུགས་འགན་བཞེས་ཏེ་ནུས་པ་གང་ཡོད་བཏོན་ནས་མཛད་རྗེས་ཆེན་པོ་བཞག་ཡོད། དཔེར་ན་༡༩༩༥་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་བུད་མེད་ཀྱི་ལྷན་ཚོགས་ཚོགས་པའི་སྐབས་སུའང་དམ་པ་དེ་ཉིད་ཀྱིས་སྣེ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་པའི་བུད་མེད་དགུ་ཚོགས་ཆེན་ལ་མཉམ་ཞུགས་གནང་སྟེ། ཁོང་ཚོས་རྒྱ་གཞུང་གི་བསུན་གཙེར་དང་འགོག་རྐྱེན་གྱི་དཀའ་ངལ་སྣ་མང་ལ་གདོང་ལེན་བྱས་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་གཟེངས་སུ་ཐོན་པ་ཞིག་སྤེལ་ཡོད་པ་རེད།།

རྒྱས་སྟོང་ཚེ་རིང་སྒྲོལ་མ་འདས་གྲོངས།
please wait

No media source currently available

0:00 0:11:16 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG