ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ཏེ་ལོ་ངོ་ ༣༠ འཁོར་བའི་མཛད་སྒོ་ཚོགས་པ།



ཨ་རིའི་གྲོས་ཚོགས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དབུ་བརྙེས་ཏེ་ལོ་ངོ་ ༣༠ འཁོར་བའི་མཛད་སྒོ་ཚོགས་ཡོད་པ་རེད། མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་བརྙན་པར་བརྒྱུད་སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་གནང་ཡོད་པའི་ནང་། ལས་འགུལ་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་དང་དཔལ་ན་ལན་ཌ་ནས་རྒྱུད་པའི་ཚད་མ་རིག་པ་སོགས་འཛམ་གླིང་ཐོག་ལ་གོ་རྟོགས་སྤེལ་དགོས་པའི་ལམ་སྟོན་མཛད་འདུག གྲོས་ཚོགས་འཐུས་མི་ལྕམ་པེ་ལོ་སི་དབུས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་། ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དབུ་ཁྲིད་སྐུ་ཞབས་རི་ཆརཌི་གྷེར། ཚོགས་མི། བོད་དོན་རྒྱབ་སྐྱོར་བ་སོགས་མི་བརྒྱ་ལྷག་ཙམ་ཕེབས་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་ལས་འགུལ་ཁང་ནས་འབད་བརྩོན་ཞུས་ཏེ་ཨ་རིའི་གྲོས་ཚོགས་སུ་བོད་མིའི་སྲིད་ཇུས་ ༢༠༠༢ གཏན་ལ་ཕབ་པ་དེའི་གྲུབ་འབྲས་དང་། ད་ལྟ་དང་མ་འོངས་པར་ཡང་ཕན་ཐོགས་ནུས་པ་ཐོན་རྒྱུ་ཡིན་གསུངས་ཡོད། འབྲེལ་ཡོད་ཀྱི་གནས་ཚུལ་ཞིབ་ཕྲ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG