ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཉི་མ་ནས་ཝཱ་ར་ཎཱ་སི་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ཉིན་ལྔའི་རིང་གི་རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་འགོ་འཛུགས་གནང་འདུག་པ་དང་། ཚོགས་ཆེན་དེར་རྒྱལ་ཁབ་བརྒྱད་ཙམ་ནས་སྨན་པ་དང་ཞིབ་འཇུག་པ་སོགས་ཉིས་བརྒྱ་ལྷག་ཙམ་འབྱོར་འདུག་པ་རྣམས་ཀྱིས་གསོ་བོ་རིག་པས་འགྲོ་བ་མིར་ཕན་བདེ་ཇི་ལྟར་བསྒྲུབ་ཐུབ་པ་དང་། སྨན་རྩ་དང་སྨན་སྦྱོར་གྱི་ནུས་པ་དེང་རབས་ཅན་དུ་ཇི་ལྟར་ལག་བསྟར་བྱེད་དགོས་པ་སོགས་གྲོས་གཞི་མང་པོར་བགྲོ་གླེང་གནང་རྒྱུ་ཡིན་པའི་སྐོར་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཝར་ཎ་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་གསོ་བ་རིག་པ་སྡེ་ཚན་གྱི་འགན་འཛིན་ཌོག་ཌར་རག་རྡོ་བློ་བཟང་བསྟན་འཛིན་ལགས་སུ་རྣམ་རྒྱལ་ཤཱསྟྲིས་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།

རྒྱལ་སྤྱིའི་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་འགོ་འཛུགས་གནང་བ།
please wait

No media source currently available

0:00 0:08:42 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG