ངོ་འཕྲད་བདེ་བའི་དྲ་འབྲེལ།

རིས་མེད་བཙུན་མའི་བརྟན་བཞུགས།


བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་ དྲུང་བོན་བཅས་ཀྱི་བཙུན་མ་ཡོངས་ཀྱིས་སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་ རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ གཏན་འཁེལ་ཟིན་ཞིང་། དེ་ཡང་ལོ་གཅིག་ཙམ་གྱི་ སྔོན་ནས་ཆོས་ལུགས་རིས་སུ་མ་ཕྱེད་པའི་བཙུན་མའི་ ཚོགས་འདུའི་ཐོག་ཏུ་སྤྱི་ནོར་༧གོང་ས་སྐྱབས་ མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ བརྟན་བཞུགས་ཤིག་འབུལ་ཐུབ་ན་ཤིན་ཏུ་དགེ་མཚན་ཆེ་ ཞེས་གྲོས་བསྡུར་དང་ཐག་གཅོད་བྱུང་བའི་རྗེས་སུ་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ སྙན་སེང་ཞུས་པར་བཀའ་བཞེས་ཟབ་མོ་ཐོབ་པར་བརྟེན། རིང་མིན་བོད་ཚེས་༡༤་དང་ཕྱི་ཟླ་༣་ཚེས་༡་ཉིན་ བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

XS
SM
MD
LG