ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱལ་ཚོགས་ཀྱི་ཚོགས་པ་དྲུག་གི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༣༧་འཚོགས་འཆར་ཡོད་པའི་སྐབས་འདིར་ཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་སྡེ་ཚན་དྲུག་ཐུན་མོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་གློད་གྲོལ་གཏོང་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་ཏེ། བཀྲ་ཤིས་དབང་ཕྱུག་གིས་སྤྱི་དམངས་ཁེ་དབང་ལོངས་སུ་སྤྱད་ནས་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པ་རྒྱལ་ཁབ་གང་དུའང་ཁྲིམས་འགལ་མིན། རྒྱ་ནག་གཞུང་གིས་ནག་ཉེས་མེད་པའི་བཀྲ་ཤིས་དབང་ཕྱུག་མགྱོགས་མྱུར་ངང་དུ་གློད་གྲོལ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་རང་དབང་གི་ཉམས་ཞིབ་སྡེ་ཚན་དྲུག་ཐུན་མོང་གིས་བསྒྲགས་གཏམ་སྤེལ་རྒྱུ་དཀོན་པོ་ཡིན་རུང་ཐེངས་འདིར་བཀྲ་ཤིས་དབང་ཕྱུག་གི་སྐོར་ལ་ཞིབ་འཇུག་ཚོགས་པ་དྲུག་ཐུན་མོང་གིས་བསྒྲགས་གཏམ་སྤེལ་བར་ནུས་པ་ཆེན་པོ་ཐོན་ཐུབ་པའི་རེ་བ་འཆང་བཞིན་ཡོད། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་སོགས་གཞུང་སྒེར་གཉིས་ཀྱི་ནུས་པ་མཉམ་དུ་སྤུངས་པའི་འབྲས་བུ་ཡིན་པ་མ་ཟད། ལྷག་པར་དུ་བསྒྲགས་གཏམ་འདི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆེན་ཐེངས་༣༧་པར་དམིགས་པ་ཞིག་ཀྱང་ཡིན་ཞེས་བཤད་བྱུང་།། རྒྱ་ནག་གི་རྩ་ཁྲིམས་སུ་སྤྱི་དམངས་ཀྱི་ཁེ་དབང་ལོངས་སུ་སྤྱད་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་འགུལ་སྤེལ་ཆོག་ཅེས་འཁོད་ཀྱང་བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པ་རྒྱ་ ནག་གཞུང་གིས་སྲུང་སྐྱོབ་བྱེད་ཀྱི་མེད་པ་གསལ་སྟོན་བྱས་ཏེ། ཁོང་གིས་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས་པས་རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་བཀག་ཉར་བྱས་ནས་ལོ་གཉིས་ལྷག་ཕྱིན་ཡོད་པ་དང་། ད་ལོའི་སྤྱི་ཟླ་དང་པོའི་ཁྲིམས་བཤེར་སྐབས་སུ་བཀྲ་ཤེས་དབང་ཕྱུག་ལ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ཡོད། གལ་སྲིད་ཉེས་འཛུགས་དེའི་ཐོག་ཏུ་ཁྲིམས་ཐག་བཅད་ན་བཀྲ་ཤིས་དབང་ཕྱུག་ལ་ཉུང་མཐའ་ཡང་ལོ་བཅོ་ལྔ་ཡས་མས་ཀྱི་བཙོན་འཇུག་གི་ཁྲིམས་ཆད་ཕོག་སྲིད་པས་རྒྱལ་སྤྱིའི་ཚོགས་སྡེ་ཁག་བློ་འཚབ་ཡོང་གི་ཡོད་པ་རེད།།

XS
SM
MD
LG