ངོ་འཕྲད་བདེ་བའི་དྲ་འབྲེལ།

གཙུག་ལག་ཁང་གི་དཀོར་གཉེར་ཟུར་པར་མེ་སྐྱོན་དང་འབྲེལ་བའི་བཅར་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ལ་ཐོན་པའི་བརྙན་པར་སོགས་ལ་བལྟས་པའི་སྐབས་སུ་ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་ས་དེ་ནི་གཙུག་ལག་ཁང་གི་ཐོག་ཚད་བཞི་པ་ཡས་མས་སུ་ཡོད་པའི་དཔལ་ལྡན་ལྷ་མོའི་ཡུམ་དྲག་མོའི་ལྷ་ཁང་གི་རྒྱ་ཕིབས་ཡིན་པ་འདྲ་ཞིང་། གནས་ཚུལ་གསལ་བོ་ཤེས་རྟོགས་མི་ཐུབ་པས་སེམས་ཁྲལ་ཆེ་ཞེས་ལོ་༡༧་རིང་གཙུག་ལག་ཁང་དུ་དཀོར་གཉེར་གནང་མཁན་ཞིག་གིས་གསུངས་བྱུང་། སྐུ་གཞོག་སངས་རྒྱས་ལགས་ནི་ཕྱི་ལོ་༡༩༨༨་ནས་༢༠༠༥་བར་དུ་ལྷ་ལྡན་གཙུག་ལག་ཁང་དུ་དཀོར་གཉེར་གནང་སྟེ། ད་ལྟ་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིར་གནས་སྡོད་བྱེད་ཀྱི་ཡོད་ཅིང་།

​རྒྱ་ནག་གཞུང་གིས་མེ་སྐྱོན་གྱི་གནོད་འཚེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་འགོག་བཞིན་པ་ནི་རྒྱུན་དུ་བོད་ལ་ལྟ་སྐྱོང་དང་རོགས་རམ་ཆེན་པོ་བྱེད་ཀྱི་ཡོད་པའི་དྲིལ་སྒྲོག་བྱེད་བཞིན་ཡོད་ནའང་། འདི་འདྲའི་གནས་ཆེན་པོ་ལ་མེ་སྐྱོན་བྱུང་བའི་སྐབས་སུ་མེ་གསོད་མ་ཐུབ་པ་དེ་ངོ་ཚ་དགོས་པའི་གནས་ཤིག་ཡིན་ཕྱིན་དེ་ལྟར་བཀག་འགོག་བྱེད་བཞིན་པའི་ཡིད་ཆེས་ཡོད་ཅེས་བཤད།། སྐུ་གཞོག་སངས་རྒྱས་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་ཕ་ཡུལ་གླེང་སྟེགས་ལས་རིམ་ལ་གསུངས་དོན། མེ་སྐྱོན་བྱུང་ས་ནི་ཡུམ་དྲག་མོའིོ་ལྷ་ཁང་གི་རྒྱ་ཕིབས་ཡིན་ཚེ་དེ་རུ་སྐུ་གསུང་ཐུགས་རྟེན་རྩ་ཆེན་དང་རྙིང་རིགས་གཞན་པ་ཅི་ཡང་མེད། ཡིན་ནའང་སྟོན་པ་ཤཀྱཱ་ཐུབ་པ་སྐུ་ན་༡༢་ལོན་པའི་ཇོ་བོ་ཤཀྱཱ་མུ་ནིའི་སྐུ་འདྲ་ཡོད་སའི་ཁང་ཆེན་གྱི་སྒང་ལ་འཁེལ་ཡོད་པས་ཆུའི་གནོད་པ་འགོག་ཆེད་གཙུག་ལག་ཁང་གི་སྟེང་དུ་ཆུ་རྒྱུག་ས་ཡག་པོ་བཟོས་ཡོད་པས་དྲག་ཆར་གྱི་སྐབས་སུའང་གནོད་འཚེ་བྱུང་མྱོང་མེད། ཡིན་ནའང་མེ་གསོད་ཆེད་དེང་རབས་འཕྲུལ་ཆས་བཀོལ་ནས་ཆུ་ཤུགས་ཆེན་པོ་གཏོར་བའི་རྐྱེན་གྱིས་གནའ་བོའི་ཁང་རྙིང་དེར་བཞུགས་སུ་གསོལ་བའི་ཇོ་སྐུ་དང་གཡས་གཡོན་གྱི་ཉེ་བའི་སྲས་ཆེན་བརྒྱད་སོགས་ལ་གཏོར་སྐྱོན་ཅི་ཙམ་ཐེབས་ཡོད་པ་བརྗོད་དཀའ་ཞེས་བཤད། ཇོ་བོའི་དབུ་རྒྱན་གྱི་ཆ་ནས་གཙུག་ལག་ཁང་གི་དཀོར་གཉེར་ཟུར་པ་འདིས་བརྗོད་དོན། དབུ་རྒྱན་དང་པོ་ནི་རྗེ་རིན་པོ་ཆེས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བའི་སྐབས་སུ་སྒྲོན་པའི་རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་དེ་ཡིན་པ་དང་། དེ་ནས་རྒྱལ་དབང་ལྔ་བ་སོགས་ཀྱིས་དབུ་རྒྱན་རིམ་པར་ཕུལ་ཡང་དབུ་རྒྱན་རྙིང་ཤོས་ཏེ། རྗེ་རིན་པོི་ཆེས་ཕུལ་བའི་དབུ་རྒྱན་དེ་དེ་ཉིད་རིག་གནས་གསར་བརྗེའི་སྐབས་སུ་བོར་བརླག་ཕྱིན་ནས་རྗེས་སུ་རྙེད་དེ་ཞིག་གསོའི་རྗེས་སུ་བསྐྱར་སྒྲོན་བྱུང་ཡོད། མེ་སྐྱོན་དེ་ནི་དབུ་རྒྱན་གསར་པ་སྒྲོན་ནས་སྲུང་མ་འཁྲུག་པ་རེད་ཟེར་པའི་གླེང་ཕྱོགས་ལ་གཞི་རྩ་གང་ཡང་མེད་ཅེས་བརྗོད་བྱུང་བ་མ་ཟད། ཕྱི་ལོ་༢༠༠༠་ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷ་ལྡན་གཙུག་ལག་ཁང་ནི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་བྱ་ཡུལ་ཏུ་ངོས་འཛིན་བྱས་ཏེ་རྒྱ་ནག་གཞུང་གིས་གཙུག་ལག་ཁང་དུ་མེ་གསོད་བྱེད་ལག་ཆ་དམར་པོ་དེའི་རིགས་བཞག་སྟེ་དགེ་འདུན་པ་རྣམས་ལ་དེ་དག་བཀོལ་སྤྱོད་བྱེད་སྟངས་ཀྱི་སྦྱོང་བརྡར་ཡང་སྤྲད་སོང་ཞེས་བརྗོད་བྱུང་ངོ་།།

XS
SM
MD
LG