ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༡/༢༠

རྒྱ་ནག་གིས་བོད་ནང་ཁ་བྲལ་གྱི་ལས་འགུལ་སྐོར་གནས་ཚུལ་མཁོ་སྤྲོད་ཀྱི་ལམ་སྟོན་ཡིག་ཆ།


བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱ་ནག་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ནས་ཏ་ལའི་རུ་ཚོགས་ཀྱི་ཁ་བྲལ་རིང་ལུགས་པ་དང་ལག་སྦྲེལ་ཡོད་པའི་ནག་ཉེས་ཅན་གྱི་རུ་ཚོགས་ཚོས་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཕྱོགས་ལ་ཞིབ་ཕྲའི་ལམ་སྟོན་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་འདུག་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་གཉེར་གསར་ཤོག་གྷུ་ལོ་བྷལ་ ཀྲའིམྶ་ནང་ཕྱིར་བསྒྲགས་བྱས་པའི་ལམ་སྟོན་ཡིག་ཆ་དེའི་ནང་ས་གནས་མི་མང་ལ་ཏ་ལའི་རུ་ཚོགས་ཀྱི་མི་ངན་དཔུང་ཤུགས་ཀྱིས་དགོན་པ་དང་ཆོས་སྡེ་རྣམས་བེད་སྤྱོད་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་གཞུང་ལ་ངོ་རྒོལ་བརྒྱུད་བསྐུལ་དང་མགོ་རྙོག་བཟོ་ཐབས་བྱེད་ཀྱི་རེད་ཅེས་ཉེན་བརྡ་བཏང་འདུག བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ད་ལྟའི་དུས་ཚོད་འདིར་ཡིག་ཆ་དེ་འདྲ་ཕྱིར་བསྒྲགས་བྱས་པ་དེ་ནི་བོད་ནང་ཞི་རྒོལ་སོགས་ཡོང་དོགས་ཀྱིས་དམ་དྲག་ཆེ་རུ་གཏོང་རྒྱུར་དམིགས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG