ངོ་འཕྲད་བདེ་བའི་དྲ་འབྲེལ།

ཝེན་ཅ་པའོ་དང་འབྲེལ་ཡོད་ཞིག་བཀག་ཉར།


ཨ་རིའི་ནེའུ་ཡོག་དུས་བབ་གསར་ཤོག་གིས་ཕྱི་ཟླ་༢་པའི་ཚེས་༧་ཉིན་མོར་རྒྱ་ནག་གི་སྲིད་བློན་ཟུར་པ་ཝེན་ཅ་པའོ་ཡི་ནང་མི་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པའི་བུད་མེད་ཚོང་པ་རྒྱུ་ཆེན་ཏོན་ཝེད་ཧུང་ཞེས་པ་ཞིག་ཟླ་ཤས་སྔོན་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚོགས་གོང་དུ་བཀག་ཉར་བྱས་ཡོད་ཅིང་། ཏོན་ཝིད་ཧུང་བཀག་ཉར་བྱས་པའི་གནས་ཚུལ་འདི་ཚོང་གྲོགས་གསུམ་གྱིས་ཕྱིར་བསྒྲགས་བྱས་ཀྱང་དེ་དག་གིས་རང་གི་བདེ་འཇགས་ཆེད་དུ་དངོས་སུ་མིང་འདོན་བྱས་མེད་པའི་གནས་ཚུལ་སྤེལ་འདུག ༢༠༡༢་ལོར་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་རྒྱ་ནག་གི་སྲིད་བློན་ཟུར་པ་ཝེན་ཅའ་པའོ་ཡི་ནང་མི་སོགས་ལ་རྒྱུ་དངོས་ཅི་ཙམ་ཡོད་མེད་ཐེར་འདོན་གྱིས་རྒྱ་ནག་གི་འགོ་ཁྲིད་དེའི་ནང་མི་ཚོར་ཨ་སྒོར་ཐེར་འབུམ་༢་དང་ཕྱེད་ཀ་ལྷག་ཙམ་གྱི་རྒྱུ་དངོས་ཡོད་པའི་གནས་ཚུལ་ཐོག་མར་སྤེལ་བའི་སྐབས་སུའང་བུད་མེད་ཚོང་པ་རྒྱུ་ཆེན་དེའི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་སྤེལ་མྱོང་ཡོད་ཅིང་། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཚོགས་ཆེན་གོང་དུ་བུད་མེད་རྒྱུ་ཆེན་དེ་བཀག་ཉར་བྱས་པ་ནི་སྲིད་འཛིན་ཞིས་ཅིན་ཕིང་གིས་ལོ་ལྔའི་རིང་ལ་སྤེལ་བའི་ལྐོག་ཟ་རུལ་སུངས་ལ་ཁ་གཏད་གཅོག་པའི་ལས་འགུལ་ནང་དུ་མཐོ་རིམ་དབུ་ཁྲིད་ཁག་དང་འབྲེལ་ཡོད་ཀྱི་མི་ཚོར་ཞིབ་འཇུག་རྒྱུན་མཐུད་དེ་བྱས་པ་ཞིག་ཡིན་པ་མཚོན་གྱི་ཡོད་པ་མ་ཟད། གནས་ཚུལ་མཁོ་སྤྲོད་པ་གཅིག་གིས་ནེའུ་ཡོག་དུས་བབ་ལ་གཅིག་བྱས་ན་བུད་མེད་དེ་འཛིན་བཟུང་བྱས་པ་རྒྱ་ནག་གི་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་འགོ་ཁྲིད་སུན་ཀྲེན་ཚལ་གྱི་འགྱོད་གཞི་ལ་འབྲེལ་བ་ཡོད་སྲིད་ཅེས་འགྲེལ་བརྗོད་ཀྱང་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG