ངོ་འཕྲད་བདེ་བའི་དྲ་འབྲེལ།

བདུན་ཕྲག་འདིའི་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་འགྲན་འགོ་ཚུགས་པའི་མཛད་སྒོ་འཚོགས་འཆར་ཡོད་ཅིང་། སྐབས་དེར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་གཅུང་མོ་སྟེ། ལོ་ན་༢༨་ལ་སོན་པའི་ཀིམ་ཡོ་ཇུང་བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་ཁོངས་སུ་ལྷོ་ཀོ་རི་ཡར་འཚོགས་འཆར་ཡོད་པའི་རྒྱལ་སྤྱི་ཨོ་ལིམ་ཕིག་རྩེད་རིགས་འགྲན་བསྡུར་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། འདི་ནི་ཁོ་མོ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་ཐོན་པ་ཐེངས་དང་པོར་འགྱུར་རྒྱུ་ཡིན་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱི་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཀིམ་ཇུང་ཨུན་གྱི་གཅུང་མོ་ལྷོ་ཀོ་རི་ཡར་བསྐྱོད་འཆར།
please wait

No media source currently available

0:00 0:04:21 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG