ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་ཡིག་ཟམ་ཚགས་པར།


ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་སྡོད་བོད་པ་དང་ཡུལ་མི་མཉམ་འབྲེལ་ཐོག་ཏུ་བོད་ཡིག་དང་ཧྥ་ཡིག་གཉིས་ཀར་སྤེལ་པའི་བོད་ཀྱི་ཡིག་ཟམ་ཞེས་པའི་ཟླ་རེའི་གསར་ཤོག་ཅིག་དཔར་སྐྲུན་དང་འགྲེམ་སྤེལ་བྱེད་འགོ་ཚུགས་ཡོད་ཅིང་། ད་ལྟ་རྒྱལ་ས་ཕེ་རེ་སིའི་དཔེ་མཛོད་ཁང་ཁག་ཅིག་དང་ཚགས་པར་བཙོང་ས་ཁག མེ་འཁོར་འབབ་ཚུགས་བཅས་སུ་བོད་ཀྱི་ཡིག་ཟམ་ཚགས་པར་ཚོང་འགྲེམ་བྱེད་བཞིན་པ་རེད། བོད་ཀྱི་ཡིག་ཟམ་ཚགས་པར་ནི་ཧྥ་རན་སིའི་ཡུལ་མི་དང་བོད་པ་ན་གཞོན་ཁག་ཅིག་མཉམ་འབྲེལ་བྱས་ནས་ཧྥ་ཡིག་ཏུ་བོད་དོན་གསར་འགྱུར་དང་བོད་ཡིག་ཏུ་འཁོད་པའི་བོད་ཀྱི་རིག་གནས་ཁག་གི་བརྗོད་བྱ་རྣམས་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་མ་ཟད། རྩོམ་སྒྲིག་པས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལྟར་ན་སྤྱི་ལོ་༢༠༠༨་ལོའི་ཞི་རྒོལ་ཆེན་མོའི་རྗེས་ནས་བཟུང་སྟེ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རིམ་པ་ཞིག་བྱུང་བའི་སྐབས་སུ་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་དོན་གསར་འགྱུར་ཐོན་དཀོན་པས་བོད་ཀྱི་ཡིག་ཟམ་ཚགས་པར་བརྒྱུད་ནས་བོད་ནང་གི་གཞིས་ལུས་མི་དམངས་ཀྱི་གནས་སྟངས་རྣམས་ཧྥ་ཡིག་ཏུ་བཀོད་ནས་ཧྥ་རན་སིའི་ཡུལ་མི་རྣམས་ལ་མཁོ་སྤྲོད་བྱ་རྒྱུ་དང་། དེ་བཞིན་ཧྥ་རན་སི་གཙོས་ཡུ་རོབ་ཁུལ་དུ་འཚར་ལོངས་འབྱུང་བཞིན་པའི་བོད་ཕྲུག་གཞོན་སྐྱེས་ཚོ་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དོ་སྣང་ཡོང་བའི་ཆེད་བོད་ཡིག་གི་བྱིས་སྒྲུང་འདེམས་སྒྲིག ད་དུང་ཡུལ་ཁྲིམས་ཤེས་བྱ་ངོ་སྤྲོད་སོགས་ཀྱི་བརྗོད་བྱ་རྣམས་གཙོ་འདོན་བྱེད་ཀྱི་ཡོད་པ་རེད།།

བོད་ཀྱི་ཡིག་ཟམ་ཚགས་པར།
please wait

No media source currently available

0:00 0:12:18 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG