ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ཆབ་སྲིད་གནས་སྟངས་ལ་ཡི་རང་མ་བྱུང་བའི་ཡུལ་མི་མང་པོ་ཞིག་ཁྱིམ་མཚེས་ཀྱི་དམངས་གཙོའི་ལམ་ལུགས་ལྡན་པའི་ཐེ་ཝན་མཚོ་གླིང་ལ་གནས་སྤོར་བྱེད་བཞིན་ཡོད་ཅིང་། འདི་ནི་འཛམ་གླིང་གི་དཔལ་འབྱོར་ལྟེ་གནས་སུ་གྱུར་པའི་ཧོང་ཀོང་ས་གནས་རྒྱ་ནག་གི་མངའ་འོག་ཏུ་ཕྱིར་བསྡུས་བྱས་པའི་རྗེས་སུ་པེ་ཅིང་གཞུང་གིས་ཧོང་ཀོང་གི་གནས་སྟངས་ལ་མི་འཚམས་པའི་སྲིད་ཇུས་ལག་ལེན་བསྟར་རིམ་བཞིན་དུ་ཧོང་ཀོང་ནས་ཐེ་ཝན་ལ་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། ཐེ་ཝན་གཞུང་གི་སྡོམ་འབོར་ལ་གཞིགས་ན་༢༠༡༦་ལོའི་ཕྱི་ཟླ་༡༢་བར་དུ་ཧོང་ཀོང་ནས་ཐེ་ཝན་ལ་གཞིས་ཆགས་སུ་གནས་སྤོར་བྱས་པའི་མིའི་གྲངས་འབོར་༧༢༠༠༠་ཙམ་ཟིན་ཡོད་པ་རེད།།

XS
SM
MD
LG