ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྡེ་རྗེ་གདན་ལ་འབར་རྫས་ཐོན་པའི་དོན་རྐྱེན་ཐད་ལ་དྭགས་ཀྱི་མང་ཚོགས་ཚོས་ལས་མཚམས་བཞག་སྟེ་ངོ་རྒོལ་རྔམ་སྟོན་བྱས་ཡོད་པ།


ཟླ་བ་འདིའི་སྤྱི་ཚེས་༢༡ ཉིན་གནས་མཆོག་རྡོར་རྗེ་གདན་ལ་འབར་རྫས་གཉིས་ཐོན་པའི་དོན་རྐྱེན་དེར་དམིགས་པའི་ཐོག་ནས་རྒྱ་གར་བྱང་ཤར་གྱི་ལ་དྭགས་གླེ་གྲོང་ཁྱེར་གྱི་མང་ཚོགས་ཚོས་གྲོང་ཁྱེར་གྱི་ཚོང་ཁང་དང་ཟ་ཁང་སོགས་ཡོངས་རྫོགས་སྒོ་རྒྱབ་སྟེ་ངོ་རྒོལ་རྔམ་སྟོན་གནང་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན། དེ་བཞིན་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་སོགས་ལ་ཞུ་ཡིག་ཕུལ་ཡོད་ཅིང་། གོང་ཞུས་ལས་འགུལ་འདི་ལ་དྭགས་ནང་པའི་མཐུན་ཚོགས་དང་ལ་དྭགས་དགོན་པའི་མཐུན་ཚོགས། ལ་དྭགས་ནང་པའི་གཞོན་ནུ་མཐུན་སོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པའི་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG