ངོ་འཕྲད་བདེ་བའི་དྲ་འབྲེལ།

བཙོན་ཁང་དུ་རྒྱ་སྐད་འབའ་ཞིག་བཤད་དགོས།


ཨ་མི་རི་ཀར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཞིབ་འཇུག་སྙན་ཐོ་བཏོན་པ་དེར་འཁོར་པ་ལྟར་ན་རྒྱ་ནག་གི་བཙོན་ཁག་ཏུ་ཡོད་པའི་བཙོན་པ་ཚོར་བཟའ་མི་སྤུན་མཆེད་སོགས་ཐུག་འཕྲད་བྱེད་དུ་ཡོང་དུས་བཙོན་པ་ཚོར་རྒྱ་སྐད་གཅིག་པུས་ཁ་བརྡ་བྱེད་དགོས་པ་ལས་བོད་སྐད་དང་དེ་མིན་གྱི་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་བཀོལ་སྤྱོད་བྱས་ནས་བཙོན་པ་དེར་ཁ་བརྡ་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེན་བྱེད་ཡོད་ཅིང་། རྒྱ་སྐད་མི་ཤེས་པའི་གྲངས་ཉུང་མི་རིགས་ཁག་གི་མི་མང་རྣམས་རང་གི་གཉེན་ཚན་བཙོན་པ་ཚོར་ཐུག་འཕྲད་དུ་བསྐྱོད་དུས་ཕྱོགས་གང་ཐད་དུ་དཀའ་ངལ་སྣ་མང་འཕྲད་བཞིན་ཡོད་པའི་སྐོར། རིག་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG