ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དེབ་གསར་པ་གསུམ་འགྲེམས་སྤེལ་གྲུབ་ནས་དབུ་འབྱེད་གནང་ཡོད་པ་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་མང་ཚོགས་ནང་དུ་སོ་སོའི་ལོ་རྒྱུས་ལ་དོ་སྣང་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པས་དེའི་ཐོག་ལ་ཤུགས་སྣོན་ཆེད་དུ་ལོ་རྒྱུས་ཀྱི་དཔེ་དེབ་པར་འགྲེམས་ཐོག་འབད་བརྩོན་གནང་བཞིན་པ་ཡིན་ཞེས་གསུང་པ་དང་ཡང་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ནས་བོད་པ་སོ་སོས་རང་གི་ལོ་རྒྱུས་བདག་པོ་རྒྱབ་ནས་རྒྱལ་སྤྱིའི་ཐོག་ལ་ཤེས་ཐུབ་པ་བཟོ་རྒྱུ་གལ་ཆེ་ཡིན་ཞེས་གསུང་ཡོད་པ་རེད།ཞིབ་འཕྲའི་གནས་ཚུལ་ང་ཚོའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ནས་བཏང་བ་ཞིག་གསན་རོགས་གནང་།

བོད་ཀྱི་དཔེ་མཛོད་ཁང་ནས་དེབ་གསུམ་དབུ་འབྱེད་གནང་བ།
please wait

No media source currently available

0:00 0:08:09 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG