ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། རེས་གཟའ་ལྷག་པའི་ཉིན་མགོན་པོ་གང་ཉིད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཞབས་སོར་བདེ་བར་འཁོད་ཡོད་ཅིང་། ཕྱི་ཚེས་༢༨་ནས་ལྡི་ལི་གསར་པར་འཚོགས་རྒྱུའི་ཆོས་ལུགས་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་གི་ཚོགས་མགོན་དུ་༧གོང་ས་མཆོག་ཆིབས་སྒྱུར་གནང་གི་ཡོད་པ་མ་ཟད། ཕྱི་ཚེས་༢༩་ཉིན་༧གོང་ས་མཆོག་ལྦ་ར་ཎ་སིར་ཆིབས་བསྒྱུར་བསྐྱང་གི་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།།

XS
SM
MD
LG