ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་སྐྱབས་བཅོལ་བའི་ལག་འཁྱེར་ཐད་ཀྱི་བཀོད་ཁྱབ།


རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བའི་ཁྲིམས་མཐུན་ཡིག་ཆ་སྐྱབས་བཅོལ་བའི་ལག་དེབ་གཉིས་ལ་བཀོད་ཁྱབ་གསར་པ་ཞིག་བཏང་ཡོད་ཅིང་། འདི་ནི་བོད་པ་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་གནས་སྡོད་ཆོག་པའི་གཞི་རྩའི་དུས་ཚོད་ཕར་འགྱངས་བྱེད་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་མིན་མོད། འོན་ཀྱང་ད་ནས་བཟུང་སྟེ་བོད་པ་སྐྱབས་བཅོལ་བ་ཚོས་དྲ་ལམ་བརྒྱུད་ནས་རང་ཉིད་རྒྱ་གར་དུ་གནས་སྡོད་ཆོག་པའི་དུས་ཡུན་ཕར་འགྱངས་བྱ་དགོས་པ་དང་། ཕར་འགྱངས་ཀྱི་དུས་ཚོད་ཀྱང་ལོ་ལྔ་རེ་ཡིན་པ་ཤེས་རྟོགས་ཐུབ་རྒྱུ་གནད་འགག་ཆེན་པོ་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་བོད་པ་སྐྱབས་བཅོལ་བ་ཚོར་བཀྲམ་པའི་ཕྱི་རྒྱལ་དུ་བསྐྱོད་པའི་འགྲུལ་བཞུད་ལག་འཁྱེར་ལའང་རྒྱ་གར་དུ་ཕྱིར་ལོག་ཆོག་པའི་ཐོངས་མཆན་གྱི་ཡུན་ཚད་ལོ་གཅིག་དང་། དེའི་རིང་དུ་འཛུལ་ཞུགས་ཐེངས་མང་བྱེད་ཆོག་པ་ཞིག་སྤྲོད་རྒྱུ་ཡིན་པ་བཅས་ཀྱི་སྐོར། བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG