ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་སྦེ་ཀོབ་གཞིས་ཆགས་སུ་ཆིབས་སྒྱུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༡༩་སྟེ། རེས་གཟའ་མིག་དམར་ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་སྦེ་ཀོབ་ཏུ་ཕྱག་བཏབ་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཞབས་སོར་བདེ་བར་འཁོད་ཅིང་། དེ་རིང་གི་ཆིབས་སྒྱུར་སྐབས་སུ་ས་གནས་གཞིས་ཆགས་གསར་རྙིང་གི་དབུ་ལས་དང་ཆོས་སྡེ་ཁག་གི་བླ་སྤྲུལ་རྣམ་པ་གཙོས་ས་གནས་བོད་མི་ཚོས་མགོན་པོ་གང་ཉིད་ལ་དགའ་དད་གུས་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ལུགས་གསུམ་བསམ་གྲུབ་གླིང་གི་གཞིས་མགོ་དགེ་ལེགས་འབྱུང་གནས་ལགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།།

XS
SM
MD
LG