ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཕེབས་འཆར་མེད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ད་ལྟའི་ཆར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཆིབས་སྒྱུར་མཛད་རྒྱུའི་འཆར་གཞི་སོགས་གང་ཡང་མེད་པའི་གནས་ཚུལ་ཐོན་འདུག དེ་ཡང་རྒྱ་གར་གྱི་ཉིན་རེའི་གསར་ཤོག་ཨ་མར་ཨུ་ཇ་ལའི་གསར་འགོད་པ་སི་ནིལ་ཆ་ཌས་རེས་གཟའ་སྤེན་པ་སྟེ། ཕྱི་ཟླ་༡༢་ཚེས་༡༦་ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེར་༧གོང་ས་མཆོག་རྒྱ་ནག་ལ་ཕེབས་འཆར་ཡོད་མེད་སྐོར་བཅར་འདྲི་ཞུས་པ་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་སྐུ་སྒེར་གྱི་འཚམས་གཟིགས་སོགས་ལ་ཕེབས་རྒྱུའི་མཛད་འཆར་གང་ཡང་ཡོད་པ་མ་རེད་ཅེས་གསར་འགོད་པར་ལན་འདེབས་གནང་མོད།

འོན་ཀྱང་གསར་འགོད་པས་དེས་ཉི་མ་གཅིག་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་དིལླི་གསར་པར་གཏམ་བཤད་གནང་བའི་སྐབས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཕེབས་འཆར་ཡོད་པའི་གནས་ཚུལ་ཞིག་གསུངས་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཐོན་པ་གང་འདྲ་རེད་དམ་ཞེས་བཀའ་འདྲི་ཞུས་པར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསར་འགོད་པ་དེར་རྒྱ་གར་གྱི་གསར་ཤོག་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་ཆ་ཚང་བ་ཞིག་ཀློག་རྒྱུ་མ་བྱུང་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ལ་ཕེབས་རྒྱུའི་མཛད་འཆར་གང་ཡང་ཡོད་པ་མ་རེད་ཅེས་ལན་འདེབས་གསལ་བོ་གནང་འདུག ཡང་ཨ་མར་ཨུ་ཇ་ལ་གསར་ཤོག་གི་གསར་འགོད་པས་ཉེ་ཆར་ཕྱི་ཟླ་༡༡་པའི་ནང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གང་ཉིད་རྒྱ་ནག་ལ་ཕེབས་པ་རེད་ཅེས་གནས་ཚུལ་ཐོན་པ་བདེན་པ་ཡིན་ནམ་ཞེས་བཀའ་དྲི་ཞུས་པ་དང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསར་འགོད་པར་ཚགས་པར་ནང་དུ་ཐོན་པའི་གནས་ཚུལ་རྣམས་བདེན་པ་མ་རེད། དེ་ནི་གཞི་རྩ་མེད་པའི་དཀྲོག་གཏམ་ཞིག་རེད་ཅེས་ལན་འདེབས་གནང་འདུག

XS
SM
MD
LG