ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་དུས་དྲན་ལ་དགའ་སྟོན།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༡༩༨༩་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ནས་ལོ་༢༨་འཁོར་པའི་དུས་དྲན་སྲུང་བརྩིའི་སླད་དུ་བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་གྱི་མཛད་སྒོ་ཚོགས་ཏེ། བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གཉིས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་༧གོང་ས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་་བཟང་མོ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG