ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བྱང་ཨ་རིའི་ཞི་རྒོལ་ལས་འགུལ་ཆེན་མོ།


ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་མདུན་དུ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་སྤེལ་ནས་ལོ་ངོ་ ༦༩ འཁོར་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༨ འཁོར་བའི་དུས་ཆེན་གཉིས་འཛོམས་ཐོག ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་དགོས་པའི་ཞི་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་དང་ཕྱག་མཛོད་ཚང་པད་མ་ལགས་ སྐུ་མགྲོན་དུ་བདག་ཉིད་ཆེན་པོ་གཱན་དྷིའི་ཚ་བོ་རཱཇ་མོ་ཧན་གཱན་དྷི་མཆོག་དང་། རྒྱ་རིགས་ཁྲིམས་རྩོད་པ་དང་རང་དབང་འཐབ་རྩོད་པ་ཁྲན་ཀོན་ཁྲེན་བཅས་ཀྱིས་གཏམ་བཤད་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་རྣམ་རྒྱལ་ནོར་བུ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG