ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་རྒྱ་གར་གྱི་སྲིད་འཛིན་ལ་ཕྱག་རྟགས་ཕུལ་བ།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་དྲ་རྒྱའི་ཐོག་ཏུ་གནས་ཚུལ་སྤེལ་པར་གཞིགས་ན་ཕྱི་ཟླ་༡༡་པའི་ཚེས་༢༥-༢༦་བར་དུ་ཉི་མ་གཉིས་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་རྣམས་དབུ་བཞུགས་ཐོག་ཏུ་སློབ་ཕྲུག་སོགས་མི་མང་སྟོང་ཚོ་བརྒལ་བའི་འདུ་འཛོམས་ཤིག་ལ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་མཉམ་ཞུགས་གནང་སྟེ། ཁོང་གིས་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྐོར་གསུང་བཤད་གནང་བ་མ་ཟད། ལྷན་ཚོགས་དེའི་རྗེས་སུ་ཕྱི་ཚེས་༢༧་ཉིན་མོར་རྒྱ་གར་གྱི་སྲིད་འཛིན་དང་མཇལ་འཕྲད་གནང་ནས་ཕྱག་རྟགས་ཞིག་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག་ ང་ཚོས་རྒྱ་གར་སྡེ་ར་དུན་འབྲི་གུང་བཀའ་བརྒྱུད་གཙུག་ལག་སློབ་གཉེར་ཁང་གི་དྲུང་ཆེ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ལ་དེའི་སྐོར་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་གར་གྱི་སྲིད་འཛིན་ལ་ཕུལ་བའི་ཕྱག་རྟགས་དེ་བོད་ཀྱི་སྲོལ་རྒྱུན་རི་མོ་མཐུན་པ་སྤུན་བཞིའི་པར་རིས་ཤིག་ཡིན་པས་སྲིད་འཛིན་མཆོག་གིས་དགྱིས་བཞེས་མཛད་ཡོད་པ་རེད།།

XS
SM
MD
LG