ངོ་འཕྲད་བདེ་བའི་དྲ་འབྲེལ།


ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༡༢་ཚེས་༡་སྟེ། རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༡༠་ཙམ་ལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷ་རག་ཨོ་བྷ་མ་རྣམ་གཉིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མོར་ཡ་མགྲོན་ཁང་དུ་མཇལ་འཕྲད་གནང་ཡོད་ཅིང་། འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་བའི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་སུ་བཀའ་མོལ་ཅི་ཞིག་གནང་ཡོད་མེད་སོགས་ལ་རྒྱལ་ས་ལྡི་ལི་གསར་པ་ནས་འདི་གའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་རྒྱ་གར་དང་ཤར་ཨེ་ཤི་ཡའི་འབྲེལ་མཐུད་འགན་འཛིན་བཀའ་ཟུར་བསྟན་པ་ཚེ་རིང་ལགས་སུ་བཅར་འདྲིས་ཞུས་སྟེ་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།།

XS
SM
MD
LG