ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་སོག་ལས་ཁུངས་སྒོ་བརྒྱབ་པ།


རྒྱ་ནག་གི་བོད་སོག་ལས་ཁུངས་ཟེར་པ་ནི་བོད་དང་སོག་པོ་གཉིས་རྒྱ་ནག་གི་ཆ་ཤས་ཡིན་པ་སྟོན་ཐབས་སུ་༡༩༡༢་ལོར་གསར་དུ་བཙུགས་པའི་སྲིད་གཞུང་གི་ལས་ཁུངས་ཤིག་ཡིན། ༡༩༤༩་ལོར་གོ་མིང་ཏང་ཐེ་ཝན་ལ་བྲོས་བྲོལ་དུ་སོང་བའི་རྗེས་སུའང་བོད་སོག་ལས་ཁུངས་ཐེ་ཝན་མཚོ་གླིང་དུ་བསྐྱར་འཛུགས་བྱས་ཏེ། འདས་པའི་ལོ་མང་རིང་ཐེ་ཝན་གྱི་གོ་མིང་ཏང་སྲིད་གཞུང་གི་བོད་སོག་ལས་ཁུངས་ཀྱིས་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་དབྱེན་སྦྱོར་དང་དཀྲུག་ཤིང་སྣ་ཚོགས་ཤིག་བསླངས་མོད། འོན་ཀྱང་བར་ལམ་ཞིག་ནས་ཐེ་ཝན་གཞུང་གིས་བོད་སོག་ལས་ཁུངས་ཕྱིར་བསྡུ་བྱས་པ་དང་། ད་ལྟ་ཐེ་ཝན་གྲོས་ཚོགས་ཀྱིས་ཁྲིམས་ཐོག་ཏུ་ལས་ཁུངས་དེ་ཕྱིར་བསྡུ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཐེ་ཝན་བོད་ཀྱི་སྐུ་ཚབས་དོན་བཅོད་པ་ཟླ་བ་ཚེ་རིང་ལགས་སུ་ཁ་པར་ཐོག་ཏུ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG