ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རུ་ན་ཅལ་དུ་བོད་དོན་ལས་འགུལ།


རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཏུ་ཕྱི་ཚེས་༡༩་ནས་༢༤་བར་དུ་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་མངའ་སྡེ་དང་ཨ་རུ་ན་ཅལ་མངའ་གཉིས་སུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་ཅིང་། ད་ཐེངས་ཀྱི་ངོ་རྒོལ་ལས་འགུལ་དེ་ཧིན་བོད་མཛའ་འབྲེལ་ཚོགས་པས་སྤྱི་ལོ་༢༠༡༢་ནས་ལོ་ལྟར་སྤེལ་སྲོལ་ཡོད་པའི་ལས་འགུལ་གྱི་གྲས་ཤིག་ཡིན་མོད། འོན་ཀྱང་ལོ་འདིར་ས་གནས་གཞན་གྱི་བོད་པ་ཚོ་ལས་འགུལ་དེར་མཉམ་ཞུགས་བྱས་པ་ཐེངས་དང་པོ་ཡིན་པ་མ་ཟད། ད་བར་བྱུང་མྱོང་མེད་པའི་མི་གྲངས་འབོར་ཆེན་འདུས་པའི་ལས་འགུལ་ཞིག་ཀྱང་ཡིན་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ངོ་རྒོལ་དེར་མཉམ་ཞུགས་མཁན་སྒང་ཐོག་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཚོགས་ཀྱི་ཚོགས་གཙོ་ཆུང་ཆུང་ལགས་སུ་ཁ་པར་ཐོག་ཏུ་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG