ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ལ་ཀ་ལིན་གྷ་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་གཟེངས་རྟགས་འབུལ་བཞེས་མཛད་པ།



རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་མངའ་སྡེ་ཨོ་རི་སའི་རྒྱལ་ས་བྷུབ་ནི་ཤ་ཝར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་བདེ་ཐབས་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་འདུག་པ་དང་ཆབས་ཅིག ཀ་ལིན་གྷ་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་སློབ་ཕྲུག་གཙོས་མི་གྲངས་གསུམ་ཁྲི་ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་བའི་ནང་རྒྱ་གར་ནི་སེམས་ཁམས་རིག་པར་མཁས་པ་མང་པོ་བྱོན་པའི་གནས་ཤིག་ཡིན་པ་དང་། དེ་དག་གིས་གསུང་པའི་རིག་གནས་ལ་རྒྱ་གར་གྱི་མི་རབས་གསར་པ་ཚོས་དོ་སྣང་ཆེ་ཙམ་བྱེད་དགོས་པ་ཡིན་ཞེས་བཀའ་སློབ་གནང་འདུག

XS
SM
MD
LG