ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བཀའ་ཤག་གིས་གསལ་བཤད་ལ་སྐུ་ཚབ་དོན་གཅོད་ཀྱིས་ངོས་ལེན་མེད་པ།


བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་སྐོར་བཀའ་ཤག་ནས་གསལ་བཤད་དོན་ཚན་བཅུ་ཅན་ཞིག་ཡིག་ཐོག་ཏུ་གསལ་བསྒྲགས་གནང་པར་གཞིགས་ན། སྐུ་ཚབ་དོན་གཅོད་ལམ་སྟོན་ཡོད་པ་བཞིན་གོང་རིམ་ལ་གནས་ཚུལ་སྙན་སེང་མ་ཞུས་པ་དང་། བྱ་སྤུ་གནོན་གྱི་གོ་རིམ་ལ་བརྩི་བཀུར་མ་ཞུས་པ་སོགས་གསལ་བཤད་གནང་ཡོད་པ་རེད། དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་རིམ་བཞིན་དོན་ཚན་རེ་རེ་བཞིན་གསལ་བཤད་གནང་རྒྱུ་ཡིན་ཞེས་གསུང་པ་དང་སྦྲགས། ཁྲིམས་དང་སྒྲིག་གཞི། འགྲོ་ལུགས། འགྲོ་སྟངས་ལ་ལོ་ངོ་ཉི་ཤུའི་རིང་བོད་མི་མང་སྤྱི་འཐུས་གནང་ཏེ་རྒྱུས་གང་འཚམ་ཡོད་སྟབས།བླང་དོར་སྒྲིག་གཞི་དང་བྱ་སྤུ་གནོན་གྱི་གོ་རིམ་བརྒལ་མེད་ཅེས་གསལ་བཤད་གནང་པའི་སྐོར་བསོད་ནམས་དབྱངས་འཛོམས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG