ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གཞུང་གིས་ཁྲིམས་རྩོད་པ་ཝང་ཡུ་ཡི་བུ་རྒྱལ་ཁབ་གཞན་ལ་སྐྱོད་རྒྱུར་ཡང་བསྐྱར་བཀག་འགོག


གྲགས་ཆེ་བའི་རྒྱ་རིགས་ཁྲིམས་རྩོད་པ་ཝང་ཡུ་ཡི་ལོ་ན་༡༨ལ་སོན་པའི་བུ་ལ་ རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་སྲིད་པའི་སྐྱོན་འཛུགས་བྱས་ཏེ་ ཁོང་ཉི་ཧོང་ལ་གུང་སེང་དུ་བསྐྱོད་པའི་སྐབས་གནམ་ཐང་དུ་བཀག་ཏེ་ འདྲི་ཞིབ་མང་པོ་བྱས་པའི་རྗེས་ མཐར་ཁོང་གི་ཕྱིར་བསྐྱོད་ལག་འཁྱེར་དབྲལ་ཏེ་བེད་སྤྱོད་མེད་པ་བཟོས་ནས་ཁོང་ཕྱིར་སློག་བཏང་ཡོད་པ་དང་ འདི་ནི་བུ་ལོ་ཆུང་དེ་ཕྱིའི་རྒྱལ་ཁབ་ལ་སྐྱོད་མ་བཅུག་པར་བཀག་འགོག་བྱས་ཐེངས་གསུམ་པ་དེ་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG