ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ལྷོ་རྒྱ་ནག་རྒྱ་མཚོའི་ཐད་ཁྲ་རམ་གྱིས་གཏམ་བཤད་བྱས་པ་དེར་རྒྱ་ནག་གི་ཕྱོགས་ནས་ལན་འདེབས།


མངའ་ཁུལ་གྱི་ཡུལ་གྲུ་ཁག་ལ་ ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སེལ་རྒྱུའི་འདོད་མོས་དང་ རྒྱུས་མངའ་ དེ་བཞིན་ འཇོན་ཐང་བཅས་ཚང་མ་ཡོད་པར་རྒྱ་ནག་གིས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གྷེང་ཤུང་གིས་བརྗོད་ཡོད་ཅིང་ ཁོང་གི་གཏམ་བཤད་དེ་ནི་ ཨ་མི་རི་ཀའི་སྲིད་འཛིན་ཁྲ་རམ་གྱིས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྩོད་གླེང་ཡོད་པ་རྣམས་སེལ་རྒྱུར་ བར་འདུམ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད་པ་དེ་དང་འབྲེལ་བའི་གསར་འགོད་པའི་འདྲི་བ་ཞིག་ལ་ལན་འདེབས་བྱེད་པའི་སྐབས་བརྗོད་པ་ཞིག་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG