ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཌོ་ནལ་ཊོམ་གྱི་གཏམ་བཤད།


ད་ལོ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་དེའི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཝི་ཏེ་ནམ་ལ་ཚོགས་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་རྒྱ་ནག་གི་འཚམས་འདྲིའི་རྗེས་སུ་ཝི་ཏེ་ནམ་ལ་ལོ་འཚོར་ཚོགས་ཆེན་དེར་ཕེབས་ཏེ། ཁོང་གིས་ཨ་མི་རི་ཀས་རྒྱ་གར་ནས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་དུ་ཆགས་པའི་རྒྱལ་ཁབ་ཁག་ལ་ཐད་ཀར་ཚོང་འབྲེལ་འཛུགས་འདོད་ཡོད། ཡིན་ནའང་ཚོང་འབྲེལ་དེ་དག་ཕྱོགས་གཉིས་ལ་བརྩི་འཇོག་ཡོད་པ་དང་ཁེ་ཕན་ཡོད་པ་ཞིག་ཡིན་དགོས། ད་ནས་ཨ་མི་རི་ཀས་རྒྱལ་ཁབ་དང་མི་དམངས་གང་འདྲ་ཞིག་ལ་ཚོང་འབྲེལ་བཙུགས་ཀྱང་ང་ཚོས་ཕ་རོལ་པོས་ལྷག་བསམ་རྣམ་དག་གི་སྒོ་ནས་ཚོང་ལས་ཀྱི་སྒྲིག་གཞི་ཁག་ལ་བརྩི་འཇོག་བྱེད་པའི་རེ་བ་འཆང་ཡོད། ང་ཚོས་ཕྱོགས་གཉིས་ཀྱི་ཁྲོམ་ར་ཡང་ཕན་ཚུན་སྒོ་འབྱེད་འདྲ་མཉམ་བྱེད་པའི་རེ་ལྟོས་འཆང་ཡོད། ཨ་མི་རི་ཀར་ཚོང་འབྲེལ་ཚུགས་ཡོད་པ་རྣམས་སྲིད་གཞུང་གིས་འཆར་འགོད་བྱས་པ་ཞིག་མིན་པ་དང་། སྒེར་པ་ཚོར་རང་དབང་ལྡན་པའི་སྒོ་ནས་མ་རྩ་འཛུགས་འཇོག་བྱེད་ཆོག་པའི་གོ་སྐབས་ཡོད་པ་ཞིག་ཡིན་དགོས་པ་ཞེས་ནན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG