ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཁྲ་རམ་གྱི་ཨེ་ཤི་ཡའི་འཚམས་འདྲི།


༄༅།། ཕྱི་ཟླ་༡༡་ཚེས་༣་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཁྲ་རམ་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་དང་ཝི་ཏེ་ནམ། ཧྥི་ལི་ཕིན་བཅས་རྒྱལ་ཁབ་ཁག་ལྔ་ལ་ཉི་མ་༡༢་ཀྱི་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། ༡༩༩༡་ནས་ཨ་རིའི་སྲིད་འཛིན་ཞིག་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འདི་འདྲའི་དུས་ཡུན་རིང་པོའི་འཚམས་འདྲི་ཞིག་ལ་ཕེབས་མྱོང་མེད་རུང་། ཌོ་ནལ་ཊོམ་ཨེ་ཤི་ཡར་འཚམས་འདྲིར་ཕེབས་པའི་དུས་སྐབས་འདིར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་སོང་སྟེ། ཨ་མི་རི་ཀས་རྒྱ་ནག་ལ་བསྟུན་མཁས་བྱེད་དགོས་པའི་དུས་ཤིག་ཡིན། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་དམག་འཁྲུག་གི་ཉེན་ཀ་སྔར་ལས་ཇེ་ཆེར་སོང་བ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བརྒྱ་ཆ་༩༠་ལྷག་བཙན་བཟུང་བྱས་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་བདེ་འཇགས་མེད་པ། ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེས་ཉི་ཧོང་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ། ཉི་ཧོང་གིས་དམག་དཔུང་གྲ་སྒྲིག་བྱ་དགོས་པའི་གླེང་སློང་བྱེད་ཀྱི་ཡོད་པ་བཅས་སྲིད་འཛིན་ཌོ་ནལ་ཁྲ་རམ་གྱིས་གནད་དོན་གལ་ཆེན་ཁག་དང་ཛ་དྲག་ཅན་འགའ་ཞིག་ལ་གྲོས་མོལ་བྱ་དགོས་ཐུག་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG