ངོ་འཕྲད་བདེ་བའི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༣༡་ཉིན་ཨུ་ཟི་བྷེ་ཀི་སི་ཐན་བ་ཞིག་གིས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་སྲང་ལམ་ཞིག་ཏུ་རླངས་འཁོར་བཏང་སྟེ། ཁོ་པས་རྒྱ་ལམ་ནང་གི་ལྕགས་རྟ་བཞོན་པའི་མི་རྣམས་རླངས་འཁོར་འོག་ཏུ་བརྫིས་ནས་མི་༨་བསད་པ་དང་། ད་དུང་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག ཨ་རིའི་ཉེན་རྟོག་པ་ཚོས་རླངས་འཁོར་ཁ་ལོ་བའི་གྲོད་ཁོག་ལ་མེ་མདའ་བརྒྱབ་ནས་རྨས་པ་དང་། ཁ་སང་ཕྱི་དྲོ་ནས་ལོ་ན་༢༩་ལ་སོན་པའི་རླངས་འཁོར་ཁ་ལོ་བ་སེ་པོབ་སྨན་ཁང་ལ་འཁྱེར་ནས་སྨན་བཅོས་བྱས་ཏེ། ཁོ་པ་དྲག་སྐྱེད་འབྱུང་མཚམས་སུ་འཇིགས་སྐུལ་རིང་ལུགས་ཀྱི་ཚོགས་པ་གང་ལ་འབྲེལ་བ་ཡོད་མེད། ཁ་སང་གི་གཏོར་རྒོལ་དེར་རྒྱབ་སྐྱོར་བྱེད་མཁན་རོགས་པ་གཞན་པ་ཡོད་མེད་སོས་རིམ་བཞིན་འདྲི་གཅོད་བྱ་རྒྱུ་དང་། ༢༠༠༡་ལོའི་ཕྱི་ཟླ་༩་ཚེས་༡༡་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་གྱི་འཛམ་གླིང་ཚོང་དོན་ལྟེ་གནས་ལ་གཏོར་རྒོལ་ནས་བཟུང་། ད་བར་ནེའུ་ཡོཀ་གྲོང་ཁྱེར་ལ་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་འདི་འདྲ་ཞིག་བྱུང་མྱོང་མེད་ཅིང་། སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱལ་ནང་བདེ་འཇགས་ལྷན་ཁང་ལ་ཨ་མི་རི་ཀར་མི་སུ་སུ་ཡོང་གི་ཡོད་མེད་ལ་ཞིབ་འཇུག་གཟབ་ནན་བྱ་དགོས་ཞེས་བཀའ་བཏང་ཡོད་པ་རེད། །

XS
SM
MD
LG