ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སི་པེན་དང་ཁེ་ཊི་ལོ་ཎི་ཡ།


ཉེ་ཆར་ཕྱི་ཟླ་༡༠་ཚེས་༡་ཉིན་ཡུ་རོབ་རྒྱལ་ཁབ་སི་པེན་གྱི་མངའ་ཁོངས་སུ་ཡོད་པའི་ཁེ་ཊི་ལོ་ཎི་ཡར་རང་བཙན་གྱི་མང་མོས་འོས་འདེམས་བྱས་པ་དང་། སི་པེན་གྱི་ཆེས་མཐོ་ཁྲིམས་ཁང་གིས་ཁེ་ཊི་ལོ་ཎི་ཡའི་མང་མོས་འོས་འདེམས་ཁྲིམས་འགལ་ཡིན། ས་གནས་དེའི་འགོ་ཁྲིད་ཚོས་འཕྲལ་དུ་མང་མོས་འོས་འདེམས་ཀྱི་གྲུབ་འབྲས་བརྩི་མེད་གཏོང་དགོས་ཞེས་ཁྱབ་བསྒྲགས་བྱས་ཏེ། ཕྱི་ཟླ་༡༠་ཚེས་༢༧་ཉིན་སི་པེན་གྱི་གྲོས་ཚོགས་གོང་མས་ཁེ་ཊི་ལོ་ཎི་ཡའི་རང་སྐྱོང་གི་ཐོབ་ཐང་ཁག་ཕྱིར་བསྡུ་བྱས་པ་དང་། ཁེ་ཊི་ལོ་ཎི་ཡར་སི་པེན་གྱི་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱ་དགོས་ཞེས་ཐག་གཅོད་བྱས་ཤིང་། ཁེ་ཊི་ལོ་ཎི་ཡའི་སྲིད་འཛིན་ཕུ་ཆི་མན་གྱིས་ས་གནས་དེའི་གྲོས་ཚོགས་སུ་རང་བཙན་ཁྱབ་བསྒྲགས་བྱས་ཏེ། སི་པེན་གཞུང་གིས་ཁེ་ཊི་ལོ་ཎི་ཡའི་གྲོས་ཚོགས་ཕྱིར་བསྡུ་བྱས་པ་དང་ས་གནས་དེའི་གཞུང་སྒོ་བརྒྱབ་པ། ཕྱི་ཟླ་༡༢་ཚེས་༢༡་ཉིན་མངའ་ཁུལ་དེར་བསྐྱར་དུ་གྲོས་ཚོགས་འཐུས་མི་དང་ས་གནས་ཀྱི་སྲིད་འཛིན་འོས་འདེམས་བྱ་དགོས་པའི་ཐག་གཅོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG