ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧྲང་ཧེ་དང་ཀོང་ཏུང་གི་དམར་ཤོག་ཚོགས་པའི་དྲུང་ཆེའི་ས་མིག


ཉེ་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་༧་བཅས་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་ཚོ་བདེམས་བསྐོ་བྱས་ཏེ། ད་ལྟ་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། ནོར་སྲིད་ཀྱི་ལྟེ་གནས་ཧྲང་ཧེ་གྲོང་ཁྱེར་དང་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེའི་ས་མིག་གཉིས་ལ་མི་སུ་སུ་བསྐོ་བཞག་བྱ་རྒྱུ་ཡིན་མིན་དེར་ཉམས་ཞིབ་པ་ཚོས་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཅིང་། ཚོགས་ཆེན་མ་ཚོགས་སྔོན་དུ་ཀོང་ཏུང་ཞིང་ཆེན་གྱི་གཙོ་འཛིན་དང་། ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཉིས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་ཁོངས་སུ་འདེམས་བསྐོ་བྱ་སྲིད་པའི་ཚོད་དཔག་བྱས་རུང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་སྐབས་སུ་མཱ་ཞཱིང་རུའི་དང་དབྱིང་ཡུང་གཉིས་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མིར་འདེམས་ཐོན་བྱུང་མེད་པ་དང་། སྔོན་ཆད་ཀོང་ཏུང་ཞིང་ཆེན་གྱི་གཙོ་འཛིན་དང་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་རྣམ་པ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་༢༥་ཁོངས་སུ་ཚུད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG