ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཕྱི་རྒྱལ་འགོ་ཁྲིད་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བར་སྐྱོན་བརྗོད།


དེང་སྐབས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འདི་པེ་ཅིང་དུ་ཚོགས་བཞིན་ཡོད་པར་བརྟེན་རེས་གཟའ་སྤེན་པའི་ཚོགས་འདུའི་ཟུར་དུ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཅིག་གིས་ཕྱི་རྒྱལ་གྱི་གསར་འགོད་པར་གཏམ་བཤད་བྱེད་སྐབས་ཕྱི་རྒྱལ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཀྱིས་༸གོང་ས་ཏཱ་ལ་བླ་མ་མཆོག་དང་མཇལ་འཕྲད་ཞུས་པར་སྐྱོན་བརྗོད་ཀྱི་གཏམ་བཤད་སླར་ཡང་སྤེལ་ཡོད་པའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གང་ཞིག་གནང་ཡོད་པའི་སྐོར་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་སུ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG