ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་ཟུར་རྣམ་པས་མཐུན་སྒྲིལ་དགོས་པའི་འབོད་བསྐུལ་གནང་ཡོད་པ།


ཉེ་དུས་དྲག་ཆར་རླུང་འཚུབ་ཀྱི་གནོད་སྐྱོན་ཚབས་ཆེ་བྱུང་བའི་ཨ་མི་རི་ཀའི་མངའ་སྡེ་ཊེག་སེསི་དང་ ཕྷི་ལོ་རཱ་ཌ་ ལིའུ་ཛི་ཨ་ནཱ་ པོར་ཏོ་རི་ཀོ་ དེ་བཞིན་ ཝིར་ཇེན་ཨའི་ལེལྜ་བཅས་ཀྱི་ཡུལ་མི་རྣམས་ཀྱི་ཆེད་དུ་དཔལ་འབྱོར་བསྡུ་འགོད་བྱ་རྒྱུའི་རོལ་དབྱངས་འདུ་འཛོམས་ཤིག་ལ་ ད་ལྟ་སྐུ་འཚོ་བཞུགས་ཡིན་པའི་སྲིད་འཛིན་ཟུར་པ་ལྔས་ཕན་ཚུན་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་གནས་ཚུལ་ཟུར་དུ་བཞག་ཏེ་ དཀའ་སྡུག་གི་གནས་སུ་ལྷུང་བའི་ཡུལ་མི་དེ་རྣམས་ལ་རྒུད་སྐྱོབ་རོགས་རམ་བྱ་རྒྱུའི་ཆེད་དུ་ རོལ་དབྱངས་འདུ་འཛོམས་དེར་ལྷན་དུ་ཕེབས་ཏེ་ ཨ་མི་རི་ཀ་བ་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་གཅིག་ཕན་གཅིག་རོགས་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་པ་དང་ དི་ནི་ཕྱི་ལོ་༢༠༡༣ལོ་ནས་བཟུང་དེ་ སྲིད་ཟུར་ཁོང་རྣམ་པ་ལྷན་འཛོམས་བྱུང་བ་ཐོག་མ་དེ་ཡང་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG