ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧུ་ཁྲུན་ཧྭ་དང་ཁྲེན་མིན་ཨར།


༄༅།། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཧུ་ཁྲུན་ཧྭ་སྐབས་ཤིག་རིང་ལ་སྲིད་འཛིན་ཞིས་ཅིན་ཕིང་གི་རྗེས་འཛིན་པར་བསྐོ་བཞག་བྱ་སྲིད་པ་དང་། ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་གསར་པའི་གྲས་སུ་འདེམས་བསྐོ་བྱ་སྲིད་པའི་ཚོད་དཔག་བྱས་ཡོད་ཅིང་། ད་ལྟ་ཧུ་ཁྲུན་ཧྭ་རྒྱ་ནག་གི་སྲིད་བློན་གཞོན་པ་ཞིག་ལ་བསྐོ་བཞག་བྱ་སྲིད་པ་དང་། ཁོ་པ་རྒྱ་ནག་གི་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་གསར་པའི་གྲས་སུ་འདེམས་བསྐོ་བྱ་རྒྱུ་མིན་པའི་གླེང་སློང་བྱེད་ཀྱི་པ་མ་ཟད། ཁྲུན་ཆིང་གྲོང་ཁྱེར་གྱི་དམར་ཤོག་པའི་ཚོགས་པའི་དྲུང་ཆེ་ཁྲེན་མིན་ཨར་ཡང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་བདུན་གྱི་གྲས་སུ་འདེམས་བསྐོ་བྱ་རྒྱུ་མིན་པ་དང་། ཧུ་ཁྲུན་ཧྭ་དང་ཁྲེན་མིན་ཨར་གཉིས་ཀ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་ལ་འཐུས་མི་༢༥་ཡོད་པ་དེའི་ཁོངས་སུ་ཡོད་མོད། འོན་ཀྱང་ཁོ་ཚོ་རྒྱ་ནག་གི་སྲིད་དབང་བླ་ན་མེད་པའི་འཛིན་མཁན་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་བདུན་གྱི་གྲས་སུ་ཚུད་མེད་པའི་སྐད་ཆ་ཞིག་སྒྲོགས་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG