ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྕམ་ཧེ་ལ་རེ་ཡིས་སྲིད་འཛིན་ཁྲ་རམ་གྱི་བྱང་ཀོ་རི་ཡར་ལན་འདེབས་གནང་ཕྱོགས་ལ་སྐྱོན་བརྗོད།


ལྕམ་ཧེ་ལ་རེ་མཆོག་གིས་ཨ་མི་རི་ཀས་བྱང་ཀོ་རི་ཡ་ལ་དམག་གི་སྡིགས་རའི་ཐ་ཚིག་ དེ་ནི་ཉེན་ཁ་ཆེ་བ་དང་མཐོང་རྒྱ་ཆུང་བའི་བྱེད་སྟངས་ཤིག་རེད་ཅེས་སྐྱོན་བརྗོད་གནང་བ་དང་ཨ་མི་རི་ཀའི་གཞུང་ནས་ཀོ་རི་ཡའི་ཕྱེད་གླིང་གི་བརྟན་ལྷིང་ཆེད་དུ་ཕྱོགས་ཚང་མ་གྲོས་མོལ་ཐོག་འབོད་ནས་རྩོད་གཞི་སེལ་ཐབས་གནང་དགོས་ཀྱི་རེད་ཅེས་གསུང་ཡོད་པ་རེད། གཟའ་ལྷག་པའི་ཉིན་མོ་ལྕམ་ཧེ་ལ་རེ་མཆོག་ནས་ལྷོ་ཀོ་རི་ཡར་ཚོགས་པའི་འཛམ་གླིང་ལྷན་ཚོགས་ཞིག་ལ་གཏམ་བཤད་གནང་ཡོད་པ་རེད།

XS
SM
MD
LG