ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཞིས་ཅིན་ཕིང་དང་ཏང་གི་ཚོགས་ཆེན།


༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའི་ཐོག་ཏུ་ཐག་གཅོད་ཇི་ལྟར་བྱས་ཀྱང་ཁྱད་པར་མེད་པ་དང་། གང་ཡིན་ཟེར་ན་ཟླ་བ་མང་པོའི་གོང་ནས་རྒྱ་ནག་གི་དབང་འཛིན་ཤོག་ཁག་དེ་ཚོས་སྲིད་དབང་འཐབ་རྩོད་དང་ནང་ཚོང་བརྒྱབ་སྟེ། མཐའ་མར་རྒྱལ་ཁབ་ཀྱི་ལོ་ལྔའི་དཔལ་འབྱོར་འཆར་གཞི་དང་སྲིད་ཇུས། རྒྱ་ནག་དམར་ཤོག་གི་མི་རབས་༦་པའི་འགོ་ཁྲིད་ཚོར་མི་སུ་སུ་བསྐོ་བཞག་བྱ་དགོས་མིན་ལ་ཐག་གཅོད་བྱས་ཟིན་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་པ་རྣམས་དངོས་གཞིའི་སྒོ་ནས་ཕྱིར་བསྒྲགས་བྱ་འཆར་ཡོད་ཀྱང་སྲིད་འཛིན་ཞིས་ཅིན་ཕིང་གི་སྲིད་དབང་སྔར་ལས་ལྷག་པའི་སྲ་བརྟན་འགྲོ་རྒྱུ་དང་། ཞིས་ཅིན་ཕིང་གི་གཏམ་བཤད་རྣམས་རྒྱ་ནག་རྒྱལ་ཡོངས་ལ་རྒྱང་བསྒྲགས་ནང་དུ་ཁྱབ་བསྒྲགས་བྱ་འཆར་ཡོད་པ་རེད།།

XS
SM
MD
LG