ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཟུར་པ་ཇེ་མི་ཀཱ་ཀྲར་གྱིས་བྱང་ཀོ་རི་ཡར་ཞི་གྲོས་གནང་འདོད་ཡོད་པ་གསུངས་འདུག


ཨ་མི་རི་ཀའི་སྲིད་འཛིན་ཁྲམ་གྱིས་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་འཆར་ཁག་མཚམས་འཇོག་མ་བྱས་པ་ཡིན་ཚེ། ཨ་མི་རི་ཀས་དྲག་ཤུགས་ལག་བསྟར་བྱ་སྲིད་པའི་ཉེན་བརྡ་བཏང་གི་ཡོད་པའི་སྐབས་འདིར་དགུང་གྲངས་༩༣ལ་ཕེབས་པའི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇེ་མི་ཀཱ་ཀྲར་ནས་བྱང་ཀོ་རི་ཡ་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་ཀོ་རི་ཡའི་ཕྱེད་གླིང་དེ་དུས་ཟིང་དམག་འཁྲུག་མེད་པའི་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་ཏུ་ཡོང་རྒྱུའི་འདུན་པ་ཆེན་པོ་ ཡོད་ཅེས་གསུངས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG