ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གྷཱན་རྡིའི་འཁྲུངས་སྐར་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གྱི་དབུ་ཁྲིད་དམ་པ་བདག་ཉིད་ཆེན་པོ་གྷཱན་རྡི་སྐུ་འཁྲུངས་ནས་ལོ་༡༤༨་འཁོར་པའི་འཁྲུངས་སྐར་ལ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་ཅིང་། གྷཱན་རྡིའི་འཁྲུངས་སྐར་ནི་འཛམ་གླིང་གི་འཚེ་མེད་ཞི་བའི་ཉིན་མོར་སྲུང་བརྩི་ཞུས་ཡོད་པ་མ་ཟད། ད་ཐེངས་ཀྱི་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྟེ། བོད་པ་ཚོས་བོད་ཀྱི་བདེན་མཐའ་གསལ་པར་བདག་ཉིད་ཆེན་པོ་གྷཱན་རྡིས་ལམ་སྟོན་མཛད་པའི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ཏུ་ཤར་སྐྱོད་བྱ་དགོས་ཞེས་འབོད་སྐུལ་ཞུས་པ་སོགས་ཀྱི་སྐོར། བཞུགས་སྒར་དྷ་རམ་ས་ལ་ནས་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG