ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྨན་རི་ཁྲི་འཛིན་མཆོག་དགོངས་པ་རྫོགས་པར་ ༧ གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་བ།


༄༅། །ཉེ་ཆར་གཡུང་དྲུང་བོན་གྱི་དབུ་ཁྲིད་སྨན་རི་ཁྲི་འཛིན་མཆོག་དགོངས་པ་རྫོགས་པར་ ༧ གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་གནང་འདུག སྲོལ་རྒྱུན་གྱི་ཕྱག་སྲོལ་ལྟར་བླ་མའི་འདས་མཆོད་བོད་ཕྱི་ནང་གཉིས་སུ་ཚོགས་བཞིན་འདུག་པས། དེང་སྐབས་བཙན་བྱོལ་རྒྱ་གར་དུ་ཡོད་པའི་བོན་གྱི་གདན་ས་སྨན་རིའི་གླིང་དང་། བལ་ཡུལ་དུ་ཡོད་པའི་ཁྲི་བརྟན་ནོར་བུ་རྩེ། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། ལྷག་པར་དུ་བོད་དུ་བོན་གྱི་གདན་ས་གོང་མ་གཙང་བཀྲ་ཤིས་སྨན་རིའི་གླིང་གཙོས་པའི་དགོན་སྡེ་ཁག་ཏུ་ཡོངས་གྲགས་བྱེད་མིན་ལ་མ་བལྟོས་པར་བོན་པོའི་ལུགས་ཀྱི་བླ་མ་མཆོད་པ་དང་། བཞི་ཁྲོ་སོགས་ཆད་མེད་འདོན་བཞིན་ཡོད་པའི་སྐྱོར་གྱི་གནས་ཚུལ་ཞིབ་ཕྲ་བསོད་ནམས་དབྱངས་འཛོམས་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG