ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་གཏམ་བཤད་ཐེངས་དང་པོ་བྱས་པ་དང་། ཁོང་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆས་ཨ་མི་རི་ཀར་ཚུར་རྒོལ་ཚེ། ཨ་མི་རི་ཀས་བྱང་ཀོ་རི་ཡར་རྒོལ་ལན་སློག་ནས་མི་འབོར་ས་ཡ་༢༦་ཡོད་པའི་བྱང་ཀོ་རི་ཡ་དམར་ཤོག་རྒྱལ་ཁབ་ཤུལ་མེད་གཏོང་རྒྱུ་ཡིན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་རང་ཕུང་གི་ཕྱོགས་སུ་མདུན་སྐྱོད་བྱེད་ཀྱིན་འདུག་ཅེས་སྡིགས་ར་བསྐུལ་མོད། འོན་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱི་གཏམ་བཤད་ལ་ཐད་ཀར་དགག་པ་གང་ཡང་བརྒྱབ་མེད་ཅིང་། བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རི་ཡོང་ཧོ་རྒྱལ་ཡོངས་བརྙན་འཕྲིན་ནང་དུ་ཐོན་ཏེ། ཁོང་གིས་ང་ཚོས་ཞི་བདེའི་རྒྱ་མཚོའི་ནང་དུ་སྔོན་ཆད་ཚོད་ལྟ་བྱས་མྱོང་མེད་པའི་ཡང་རླུང་འབར་མདེལ་ཞིག་ཚོད་ལྟ་བྱ་སྲིད་ཅེས་བཤད་འདུག

XS
SM
MD
LG